Explore གཙང་བཀྲ་ཤིས་ལྷུན་པོ།
Trashi Lhünpo Monastery is the largest Geluk monastery in central Tibet. It was built in the mid-15th century by Gendün Drup. It is located on the western outskirts of Zhikatsé city, and it became the home of the Panchen Lamas since the time of the 4th Panchen Lama. The monastery has four monastic sections, namely Shartsé Monastery, Kyilkhang Monastery, Tösamling Monastery, and Ngakpa Monastery. In the back hall is a bronze statue of Buddha and statues of the eight chief spiritual sons of the Buddha that were built by Gendün Drup himself, and inside of the Jamkhang is the largest bronze statue of Maitreya which was built by the 9th Panchen Lama. In addition, there are the relic stupas of the previous Panchen Lamas.
བཀྲ་ཤིས་ལྷུན་པོ་དགོན་པ་ནི་གཙང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེས་ཆེ་ཤོས་ཡིན་ལ། དགོན་པ་འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ངོས་སུ་ཆགས་ཡོད་པ་དང་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་དུ་རྗེ་དགེ་འདུན་གྲུབ་ཀྱིས་ཕྱག་བཏབ་པར་གྲགས། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱི་སྐུ་རིང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་སར་གྱུར། དགོན་པ་འདིར་ཤར་རྩེ་དང་དཀྱིལ་ཁང་། ཐོས་བསམ་གླིང་། སྔགས་པ་གྲྭ་ཚང་སོགས་གྲྭ་ཚང་བཞི་ཡོད་པ་དང་། དགོན་པ་འདིའི་གཙང་ཁང་དབུས་མར་རྗེ་དགེ་འདུན་གྲུབ་ཀྱི་སྐུ་རིང་ལ་བཞེངས་པའི་ཟངས་སྐུ་ཐུབ་དབང་དང་ཉེ་བའི་སྲས་ཆེན་བརྒྱད་ཀྱི་འཇུམ་སྐུ་བཞུགས་ཤིང་། བྱམས་ཁང་དུ་པཎ་ཆེན་སྐུ་ཕྲེང་དགུ་པས་བཞེངས་པའི་རྗེ་བཙུན་བྱམས་པ་དགོན་པའི་ཟངས་སྐུ་ཆེས་ཆེ་བ་དེ་བཞུགས་ཡོད། གཞན་ཡང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་སོགས་མང་དུ་བཞུགས་སོ།།
札什伦布寺是拉藏地区最大的格鲁派寺院。寺院位于日喀则城市西郊,在15世纪中由根敦珠大师兴建。从四世班禅大师罗桑曲坚成为历代班禅大师的寺院。这座寺庙有东山僧院,中山僧院,密乘僧院和北山僧院等四个僧院。在中间的后殿里由根敦珠吉仁波齐兴建的佛铜像和八大菩萨的雕像。弥勒佛殿内,有九世班禅大师兴建的最大的弥勒寺铜像。此外,有历代班禅灵塔祀殿。
Images in this subcollection
Owner
Than GroveAccessibility
Parent Collection
Members
* denotes that this member is inherited from a parent collection