Explore བསམ་ཡས།
Samyé Monastery is located in Dranang County of Lhokha District, in the Tibetan Autonomous Region. The monastery was first built during the period of king Trisong Detsen, and is considered the first monastery of Tibetan Buddhism. The complex is surrounded by four chortens--red, white, green and black--and includes multiple temples. In the complex are many relics, including a Guru Rinpoché statue that was given to Muter Tsenpo as an object of worship. Also present are Guru Rinpoché’s trident, Khenchen Zhiwatso’s skull, tridents of Lochen Vairotsana and Panchen Vimalamitra, and there are also many old scriptures and statues. The buildings of each temple are colorful and there are many older murals on the walls. This monastery is considered by many to be a treasure trove of Tibetan culture.
བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་གྲ་ནང་རྫོང་གི་ཁོངས་སུ་ཆགས་ཡོད་པ་དང་། དགོན་པ་འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཁན་སློབ་ཆོས་གསུམ་གྱིས་བཞེངས་པ་དང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཐོག་མ་རུ་གྲགས། དགོན་པ་འདིར་ལྷ་སྲས་མུ་ཁྲི་བཙན་པའི་རྟེན་སྐལ་དུ་བཞེངས་པར་གྲགས་པའི་གུ་རུ་ང་འདྲ་མ་དང་། གུ་རུ་རིན་པོ་ཆེའི་ཕྱག་འཁར། མཁན་ཆེན་ཞི་བ་འཚོའི་དབུ་ཐོད། ལོ་ཆེན་བེ་རོ་ཙ་ན་དང་པཎ་ཆེན་བི་མ་ལ་མི་ཏྲའི་ཕྱག་འཁར། སེང་འབག་སྨུག་ཆུང་སོགས་རྟེན་རྙིང་མང་དུ་བཞུགས་པ་དང་། གཙུག་ལག་ཁང་སོ་སོའི་བཟོ་བཀོད་ཕུན་སུམ་ཚོགས་པ་དང་གྱང་ངོས་སུ་གནའ་དུས་ཀྱི་ལྡེབས་རིས་རྙིང་བ་མང་པོ་ཡོད་པས་བོད་ཀྱི་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་རེད།
桑耶永固天成庙位于西藏自治区山南地区扎囊县境内。该寺由法王赤松德赞时期,有师君三尊兴建,被誉为藏传佛教的第一座寺院。这座里有佛教徒木赤赞普应得的缘分佛像有像我的咕噜和、咕噜仁波切的手杖, 堪钦寂护的头盖骨,译师白若杂纳和班禅比马拉米扎的手杖,森巴·吐奴等许多旧佛经和佛塔。每一个寺庙的建筑是丰富多彩的,墙上有许多古老的壁画,这座寺院是藏文化的大宝库。
Images in this subcollection
Owner
Than GroveAccessibility
Parent Collection
Members
* denotes that this member is inherited from a parent collection