Explore མཚུར་ཕུ་དགོན་པ།
Tsurpu Monastery is located in Tölung Dechen district of Tibet Autonomous Region. Reputedly, this monastery was built on the site of the Changpü Tsuklak Khang that had been built centuries earlier in the King Relpachen period. Jé Daklha Gampowa’s student Karma established the monastery in the 12th century, and it came to be considered the source of Kagyü lineage, and the successive Karmapa reincarnations looked after the monastery. There are many sacred religious items such as the three founders of the Kagyü lineage statues, which are relic stupas and statues of Karmapa reincarnations made out of copper and gold. In addition, there is also the sacred hand-turned prayer wheel attributed to the 7th century Dharma King Songtsen Gampo.
མཚུར་ཕུ་དགོན་པ་ནི་བོད་རང་སྐྱོང་ལྗོངས་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཆགས་ཡོད་པ་དང་། དགོན་པ་འདི་ནི་མངའ་བདག་ཁྲི་རལ་བ་ཅན་གྱི་སྐུ་རིང་ལ་བཞེངས་པའི་ལྕང་ཕུའི་གཙུག་ལག་ཁང་གི་གནས་ཡིན་པར་བཤད་པ་དང་། བཙན་པོའི་བཀའ་གཙིགས་ཀྱི་རྡོ་རིང་ཡང་ད་ལྟའི་བར་དུ་དགོན་པ་འདིར་བཞུགས་ཡོད། སྤྱི་ལོའི་དུས་རབས་བཅུ་གཉིས་པར་རྗེ་དྭགས་ལྷ་སྒམ་པོ་བའི་དངོས་སློབ་ཀརྨ་དུས་གསུམ་མཁྱེན་པས་མཚུར་ཕུ་དགོན་པ་ཕྱག་བཏབ་པ་དང་། ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་ཆུ་མགོ་ལྟ་བུར་གྱུར། རྗེས་སུ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱིས་དགོན་པ་བསྐྱངས་པ་དང་། ནང་རྟེན་ལ་མར་མི་དྭགས་གསུམ་གྱི་སྐུ་བརྙན་དང་། གསེར་ཟངས་ལས་གྲུབ་པའི་ཀརྨ་པ་སྐུ་ཕྲེང་འགའི་སྐུ་བརྙན་དང་སྐུ་གདུང་མཆོད་རྟེན། གཞན་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཕྱག་འཁོར་མ་ཎི་སོགས་རྟེན་རྩ་ཆེན་མང་པོ་ཞིག་ཡོད།
楚布寺位于西藏自治区堆龙德庆县境内。据说,这座寺庙建筑在由国王赤热巴坚时期建造的赞普寺庙的基地上。 国王时代的石碑至今还在这座寺庙里。公元12世纪,达拉岗波巴师徒噶玛巴兴建了楚布寺。成为噶玛噶居派佛教的发源地。后来噶玛巴转世活佛们一直在维护以及照顾这座寺庙。 寺庙里有很多神物和神像包括三大塔身像、由金铜铸成的几世噶玛巴佛像、灵塔和此外,还有松赞干布手摇转经筒等许多珍贵的佛像。
Images in this subcollection
Owner
Than GroveAccessibility
Parent Collection
Members
* denotes that this member is inherited from a parent collection