Skip to main content Skip to search

Chonggyé Imperial tumuli are located in Chonggyé County, Lhokha District. The site contains more than twenty tumuli of Tibetan kings including those from Songtsen Gampo to Tri Songdetsen. A temple is built atop Songtsen Gampo’s tumulus, inside of which are statues of Songtsen Gampo, his parents, and his ministers Gar Tongtsen and Tönmi Sambhota. The temple's back hall contains statues of the Buddha Maitreya (Jampa), Buddha of the Past Dipankara, and the Buddha of Long Life, Amitayus (Tsepakmé). In front of the Dharma King Tri Songdetsen’s tumulus stands a huge stone monument adorned with carvings. The tumuli are mostly mound-shaped, and some retain traces of destruction during the civil resistance. 

འཕྱོངས་རྒྱས་བཙན་པོའི་བང་སོ་ནི་ལྷོ་ཁ་ས་ཁུལ་གྱི་འཕྱོངས་རྒྱས་རྫོང་གི་ཁོངས་སུ་ཆགས་ཤིང་། གནས་འདིར་བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་གཉིས་ཀྱི་བང་སོ་གཙོ་བྱས་བཙན་པོ་ཉི་ཤུ་ལྷག་གི་བང་སོ་བཏབ་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོའི་སྟེང་དུ་ལྷ་ཁང་ཞིག་བཞེངས་ཡོད་པ་དང་། འདུ་ཁང་ནང་དུ་སྲོང་བཙན་སྒམ་པོ་ཡབ་ཡུམ་དང་བློན་པོ་མགར་སྟོང་བཙན། ཐོན་མི་སཾ་བྷོ་ཊ་སོགས་ཀྱི་སྐུ་བརྙན་བཞེངས་ཡོད་ལ། གཙང་ཁང་སྦུག་མར་རྒྱལ་བ་བྱམས་པ་དང་། སངས་རྒྱས་མར་མེ་མཛད། ཚེ་དཔག་མེད་སོགས་ཀྱི་སྐུ་བརྙན་བཞེངས་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་དུ་སྔོན་གྱི་རྡོ་རིང་ཆེན་པོ་ཐོག་ཏུ་བོད་ཡིག་ཡོད་པ་ཞིག་བསླངས་ཡོད་ཅིང་། བང་སོ་མང་ཆེ་བ་ས་འབུར་གྱི་ཚུལ་དུ་ཡོད་པ་དང་ལ་ལར་འབངས་གྱེན་ལོག་གི་སྐབས་སུ་གཏོར་བཤིག་བཏང་བའི་ཤུལ་ཀྱང་གསལ་བོར་ཡོད།

琼结藏王墓,位于山南地区琼结县境内。这里建有吐蕃王松赞干布和赤松德赞等以及二十多个藏王墓。松赞干布的陵墓上建有一座寺庙。寺庙的大殿内有松赞干布的父母和大臣噶东赞, 土弥桑布扎等佛像。 后殿内有弥勒佛,燃灯佛,无量寿佛等佛像。赤松德赞的墓前立着有藏文的一块巨大的石碑。陵墓多呈土丘状,有的还保留着平民反抗时被破坏的痕迹。

Images in this subcollection