Skip to main content Skip to search

Sakya Monastery is located in Saga County of Tibet Autonomous Region. The monastery was built by Khön Könchok Gyelpo in the 11th century of Tibetan water buffalo year. Because the monastery was built on a hill like an elephant laying on its right shoulder and the color of the earth, the monastery was named as Sakye (white and light earth) Monastery. The Great Temple on the south side of the monastery was built during Drogön Chögyel Pakpa period, and later it was gradually expanded by many others including Pönchen Shakya Zangpo. Inside the monastery there are many famous sacred statues, religious scripts and other objects such as one story high Buddha statue which was built during Drogön Chögyel Pakpa period, the Tara statue which was brought by Jowo Jé Atisha,the far away sounding white cronch and so many others made out of gold or silver. Furthermore, there are mountains of Sakay tradition scriptures and chains of volumes. Moreover, there are ancient Sanskrit books brought from India, and a large number of Tibetan and Chinese treatises ad commentaries. In addition, there are the relic stupas of Sachen Künga Lodrö, Sönam Wangchuk, Nganchang Künga Tutop Wangchuk, Sönam Drakpa Gyeltsen, and many other relic stupas made out of gold and copper.

 

ས་སྐྱ་དགོན་པ་ནི་བོད་རང་སྐྱོང་ལྗོངས་ས་སྐྱ་རྫོང་གི་ཁོངས་སུ་ཆགས་ཡོད་ལ། དགོན་པ་འདི་ནི་བོད་རབ་བྱུང་དང་པོའི་ཆུ་གླང་སྟེ་དུས་རབས་བཅུ་གཅིག་པར་འཁོན་དཀོན་མཆོག་རྒྱལ་པོས་ཕྱག་བཏབ་ཅིང་། དཔོན་པོ་རི་གླང་ཆེན་ཉལ་བ་ལྟ་བུའི་མཁལ་ཁུང་གཡས་པའི་སྟེང་ཡོད་པས་སའི་ཁ་དོག་ལ་བརྟེན་ཏེ་དགོན་མིང་ལའང་ས་སྐྱ་དགོན་ཞེས་ཐོགས་པ་རེད། གྲུམ་ཆུའི་ལྷོ་ངོས་ཀྱི་ལྷ་ཁང་ཆེན་མོ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་སྐུ་དུས་བཞེངས་པ་དང་། རྗེས་སུ་དཔོན་ཆེན་ཤཱཀྱ་བཟང་པོ་སོགས་ཀྱིས་རིམ་བཞིན་རྒྱ་བསྐྱེད་འཛུགས་སྐྲུན་བྱས་པ་རེད། དགོན་པ་འདིར་བོད་ཁམས་ན་མིང་དུ་གྲགས་པའི་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་ཡོད་ལ། སྐུ་ཡི་རྟེན་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་རིང་ལ་བཞེངས་པའི་ཐུབ་ཆེན་ཐོག་ཚད་མ་དང་ཇོ་བོ་རྗེ་ཨ་ཏི་ཤས་གདན་དྲངས་པའི་ལུང་བསྟན་སྒྲོལ་མ། ཆོས་དུང་དཀར་པོ་རྒྱང་གྲགས་མ་སོགས་གསེར་དངུལ་ལས་གྲུབ་པའི་རྟེན་མང་པོ་ཡོད། གསུང་གི་རྟེན་ལ་ས་སྐྱའི་ཆོས་བརྩིགས་བྲག་རི་མ་དང་པོ་ཏི་ལྕགས་ལུང་མ། རྒྱ་གར་ནས་གདན་དྲངས་པའི་ལེགས་སྦྱར་དཔེ་རྙིང་སོགས་ཀྱིས་གཙོ་བྱས་པའི་རྒྱ་བོད་ཀྱི་བཀའ་དང་བསྟན་བཅོས་མང་པོ་བཞུགས་ཡོད། ཐུགས་ཀྱི་རྟེན་ལ་ས་ཆེན་ཀུན་དགའ་བློ་གྲོས་དང་བསོད་ནམས་དབང་ཕྱུག སྔགས་འཆང་ཀུན་དགའ་མཐུ་སྟོབས་དབང་ཕྱུག བསོད་ནམས་གྲགས་པ་རྒྱལ་མཚན་སོགས་ཀྱི་སྐུ་གདུང་མཆོད་རྟེན་གསེར་ཟངས་ལས་གྲུབ་པ་མང་པོ་བཞུགས་སོ། །

 

萨迦寺位于西藏自治区萨迦县境内。该寺始建于十一世纪水牛年,由款·衮却杰波主持修建。因其大名为萨迦寺。因为这座寺院建立在大象卧在右肾上的山上和因土色而得萨迦的名称。阵曲南上的大经堂是在法王八思络名巴时期建造的。后来,有大官释迦桑波等人逐渐扩建。在这个寺院里,有许多藏区著名的佛像、经卷和佛塔。佛像有法王八思络名巴时期建成的有一层楼高的佛陀像,有阿底峡迎请的有记度母和法螺等许多金银而制的佛像。关于文集上面, 从印度带来的梵文古籍等为主,有大量的汉藏经典。 以及还有贡噶洛珠,索南旺秀,咒师贡噶特多旺秀,索南扎巴尖参等的灵塔由金和铜而制成的。

Images in this subcollection