Explore སྟག་ལུང་ཐར་གླིང་ཆོས་སྡེ།
Taklung Tarling Chödé Monastery is located in the territory of Yardrok Taklung of Tibet Autonomous Region. Reputedly, the original monastery was one of the Tadül and Yangdül monasteries. Due to its expansion and restoration by Taktsang Lotsawa Sherap Rinchen, there are people who claim the monastery was established by Taktsang Lotsawa. When Taktsang Lotsawa was in charge, he recruited more monks and converted it to the Sakya tradition. In the main temple of the monasteries are the relic stupas of Taktsang Lotsawa Sherap Rinchen and Mangtö Ludrup Gyatso, as well as an image of Tara that is said to have spoken, as well as statues of Guru and his attendants.
སྟག་ལུང་ཐར་གླིང་ཆོས་སྡེ་དགོན་ནི་བོད་ལྗོངས་རང་སྐྱོང་ལྗོངས་ཀྱི་ཡར་འབྲོག་སྟག་ལུང་ཕྱོགས་སུ་ཆགས་ཡོད་པ་དང་། ཐོག་མའི་དགོན་པ་ནི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གི་གྲས་ཤིག་ཡིན་པར་བཤད་ལ། རྗེས་སུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་རྒྱ་བསྐྱེད་དང་ཉམས་གསོ་གནང་བས་སྟག་ཚང་ལོ་ཙཱ་བས་བཏབ་པར་བཤད་པའང་ཡོད། སྟག་ཚང་ལོ་ཙཱ་བས་བསྐྱངས་ཏེ་གྲྭ་ཚོགས་མང་དུ་འདུས་པ་དང་ས་སྐྱའི་དགོན་ལག་ཏུ་གྱུར། དགོན་པ་འདིའི་གཙུག་ལག་ཁང་དུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་གཉིས་ཀྱི་སྐུ་གདུང་མཆོད་རྟེན་བཞུགས་ཤིང་། ཐར་གླིང་སྒྲོལ་མ་གསུང་བྱོན་མ་དང་གུ་རུ་གཙོ་འཁོར་གསུམ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས་སོ། །
达隆(塔林)寺位于西藏自治区羊卓达隆境内,最初的寺院是镇肢寺庙之一。被达仓译师谢日仁青进行了扩建和维修这后, 有些认为达仓译师建立了这座寺院。达仓由译师精心培育,僧团云集,成为萨迦派的一座寺院。在这座寺院的大殿里有,达仓译师谢日仁青和博学者鲁珠嘉措的灵塔等,以及度母和莲花生三众佛像等。
Images in this subcollection
Owner
Than GroveAccessibility
Parent Collection
Members
* denotes that this member is inherited from a parent collection