Explore སྣར་ཐང་།
Nartang Monastery is located in the western suburbs of Zhikatsé City of Tibet Autonomous Region. The monastery was built in the 12th century by Tumtön Lodrö Drakpa, a student of Geshé Sharawa, a master practitioner of the Kadam tradition. Later, thanks to the presents and contributions of the ancient Tibetan Chim clan, Namkha Drakpa, Chomden Rikrel, and Wüpa Losel, were able to create woodblock from Kagyur and Tengyur, and the Nartang Parkhang, or Nartang Printing House, was established, which contributed greatly to the development of Tibetan culture. However, during the Cultural Revolution, all the statues, treatises, and woodblocks were destroyed. Now, some scattered woodblocks have been recollected and are housed in the new establishment. Reputedly, modern scholar Khewang Gendün Chöpel and scholar Rahu from India visited the monastery and had seen many of the old treatises, artifacts, pagodas, and a Bodhgaya structure made out of stone and wood. However, nowadays nothing from the distant past survives.
དཔལ་སྣར་ཐང་ཆོས་སྡེ་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ཕྱོགས་ཆགས་ཤིང་། ཆོས་སྡེ་འདི་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པར་བཀའ་གདམས་པའི་དགེ་བཤེས་ཤ་ར་བའི་དངོས་སློབ་གཏུམ་སྟོན་བློ་གྲོས་གྲགས་པས་ཕྱག་བཏབ་པ་དང་། སྔ་རྗེས་སུ་མཆིམས་ནམ་མཁའ་གྲགས་པ་དང་བཅོམ་ལྡན་རིག་རལ། དབུས་པ་བློ་གསལ་མང་དུ་བྱོན་པ་དང་། ཁོང་རྣམ་པའི་སྐུ་དྲིན་ལ་བརྟེན་ནས་བཀའ་བསྟན་གཉིས་པར་དུ་བརྐོས་ཏེ་སྣར་ཐང་པར་ཁང་ཞེས་པ་བྱུང་སྟེ་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐོབ། ཡིན་ཡང་། རིག་གནས་གསར་བརྗེའི་སྐབས་སུ་སྐུ་གསུང་ཐུགས་རྟེན་དང་པར་ཤིང་ཡོད་ཚད་རྩ་མེད་དུ་བཏང་བ་དང་། ད་ལྟ་པར་ཤིང་ཁ་ཐོར་འགའ་རེ་ཕྱིར་བསྡུས་ཏེ་འདུ་ཁང་གསར་བའི་ནང་དུ་བཞུགས་ཡོད། ཉེ་རབས་སུ་བྱོན་པའི་མཁས་དབང་དགེ་འདུན་ཆོས་འཕེལ་དང་རྒྱ་གར་གྱི་པཎྜིཏ་རཱ་ཧུ་ལ་གཉིས་ཀྱིས་འདིར་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་ལ་མཇལ་མྱོང་བ་དང་། རྡོ་དང་ཤིང་གིས་ལས་པའི་རྡོ་རྗེ་གདན་གྱི་བཀོད་པ་སོགས་པར་དུ་ཡང་བླངས་ཡོད་མོད། ད་ལྟ་གྱང་ཆག་འགའ་དང་འདུ་ཁང་གསར་བ་གཅིག་ལས་སྔོན་གྱི་རྟེན་རྙིང་བ་གཅིག་ཀྱང་མཐོང་དུ་མེད།
纳塘寺位于西藏自治区日喀则市西郊。这座寺院是公元12世纪噶当派的格西夏惹瓦的洛志扎巴兴建的。这后有钦氏(古代西藏一氏族名)·南卡扎巴,乔丹鞣惹和威巴烙塞等的出现和他们的贡献,刻印了《甘珠尔》和《丹珠尔》大藏经,也组建了纳塘寺印经院和极大地促进了西藏文化的发展。但是,文化大革命期间,所有的佛像和经板都被毁灭了。现在已经回收一些零散的印经板进入新的大经堂。近代著名学者根敦群培和印度学者达热合拉在这里共同拜见过许多藏经、法器和佛塔。用石头和木头制作的金刚座,现在,除了几堵破墙和一个新的大殿以外,以前的经板,文物,佛像和佛塔等一个也不的所见。
Images in this subcollection
Owner
Than GroveAccessibility
Parent Collection
Members
* denotes that this member is inherited from a parent collection