Explore སྲས་མཁར་དགུ་ཐོག
The Sekhar Gutok Monastery, or the Nine Story Tower, was built by Milarepa (1040-1123), student of the Kagyü tradition Buddhist master and translator Marpa Chökyi Lödrö (ca.1012-1097). The monastery is located in the center of Sé Village of Lhodrak County in the Lhokha region of the Tibet Autonomous Region, close to Bhutan's border. The history of how this ancient monastery was built is well documented in Milarepa’s biography. Inside the monastery is a marble butter lamp cup that was dedicated by Milarepa, as well as statues of Lamas from the Kagyü traditions. In addition, there are many beautiful old frescoes. The assembly hall was expanded by Pawo Tsuklak Trengwa (1504-1566).
ཡོངས་གྲགས་སུ་སྲས་མཁར་དགུ་ཐོག་ཏུ་གྲགས་པའི་གཙུག་ལག་ཁང་འདི་ནི་བོད་གངས་ཅན་གྱི་སྒྲུབ་བརྒྱུད་བསྟན་པའི་བདག་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པས་བླ་མ་མར་པ་ལོ་ཙཱ་བའི་བཀའ་བཞིན་བཞེངས་པ་དང་། གདན་ས་འདི་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་ས་ཁུལ་གྱི་ལྷོ་བྲག་རྫོང་གི་སྲས་གྲོང་ཚོའི་དབུས་སུ་ཆགས་ཤིང་། འབྲུག་ཡུལ་གྱི་རྒྱལ་མཚམས་དང་བར་ཐག་ཤིན་ཏུ་ཉེ། གཙུག་ལག་ཁང་འདི་ཉིད་ཚུལ་ཇི་ལྟར་བཞེངས་པའི་ལོ་རྒྱུས་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དུ་གསལ་བར་ཡོད་པས། འདིར་འགོད་པའི་ངལ་བ་མ་བྱས། དགོན་པ་འདིར་རྗེ་བཙུན་མི་ལ་རས་པས་ཕུལ་བར་གྲགས་པའི་རྡོ་ཀ་མ་རུའི་མཆོད་ཀོང་དང་ཀརྨ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་འཇིམ་སྐུ་སོགས་བཞུགས་ཤིང་། ལྡེབས་རིས་རྙིང་བ་ངོ་མཚར་ཅན་མང་པོ་ཞིག་མཆིས། འདུ་ཁང་ནི་དཔའ་བོ་གཙུག་ལག་ཕྲེང་བས་རྒྱ་བསྐྱེད་གནང་བར་བཤད།
俗称为色喀古托寺是藏传佛教创始人米拉热巴按照译师玛尔巴意愿而建立的。这座古寺位于西藏自治区山南地区洛扎县色村的中央,离不丹的国界很近。关于这座古寺是怎样建成的历史,在米拉日巴传记载很清楚, 所以不需要在这里重复。该寺有米拉日巴大师供奉的大理石神灯, 以及噶玛噶举派喇嘛们的像等,还有有许多精美的旧壁画。这座寺院的经堂被英雄泽拉长瓦所弘扬。
Images in this subcollection
Owner
Than GroveAccessibility
Parent Collection
Members
* denotes that this member is inherited from a parent collection