Explore ཞ་ལུ་དགོན་པ།
Zhalu Monastery is located in Gyatso Zhung Yültso district of Zhikatsé city in the Tibetan Autonomous Region. This monastery was build in 11th century by Chetsün Sherap Jungné, a student of Lotön Dorjé Wangchuk, who was also one of the ten Ü-Tsang scholars. During the time of Butön Rinchen Drup and Dratsepa Rinchen Namgyel, the monastery was greatly developed and expanded when the statue of Jowo Khasar Pani and Nartang Parpü version of Katen were brought to the monastery. In addition, there are many 11th century Nepalese and Tibetan style murals at the monastery, which are of great value for art researchers for that period of time.
ཞ་ལུ་དགོན་པ་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཡུལ་ཚོའི་ཁོངས་སུ་ཆགས་ཤིང་། དགོན་པ་འདི་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པར་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ་དབུས་གཙང་མཁས་པ་མི་བཅུའི་ཡ་གྱལ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཕྱག་བཏབ་ཅིང་། བུ་སྟོན་རིན་ཆེན་གྲུབ་དང་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱི་སྐུ་རིང་ལ་ཤིན་ཏུན་དར་རྒྱས་བྱུང་སྟེ་གཙུག་ལག་ཁང་གི་བཀོད་པ་རྒྱ་ཆེར་མཛད་པ་དང་ནང་རྟེན་ལ་ཇོ་བོ་ཁ་སར་པ་ཎི་དང་སྣར་ཐང་པར་ཕུད་ཀྱིབཀའ་བསྟན་སོགས་གདན་དྲངས་པ་དང་། སྐུ་གསུང་ཐུགས་རྟེན་གསར་བ་མང་དུ་བཞེངས། གཙུག་ལག་ཁང་འདིའི་ནང་དུ་ལྡེབས་རིས་མང་ཆེ་བ་དུས་རབས་བཅུ་གཅིག་པའི་བལ་ལུགས་དང་བོད་ལུགས་ཀྱི་ལྡེབས་རིས་ཡིན་པས་སྐབས་དེའི་སྒྱུ་རྩལ་གྱི་ཕྱོགས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཤིན་ཏུ་ཆེ།
夏鲁寺位于西藏自治区日喀则市甲措雄乡境内。这个寺院有布敦多杰王久的师徒, 也是卫藏精通十人之一的杰赠谢日君捏建于公元11世纪。布敦仁钦竹和声明与因明者仁青南加时期这座寺院得到极大的发展, 并扩大寺庙以及迎来许多神像和经论, 比如空行观音菩萨和纳唐版的经论等, 也增添了许多新的佛像。在这座寺内的很多十一世纪的尼泊尔和藏传文化的壁画,所以对当时的艺术研究很有价值。
Images in this subcollection
Owner
Than GroveAccessibility
Parent Collection
Members
* denotes that this member is inherited from a parent collection