Explore སྙེ་ཐང་སྒྲོལ་མ་ལྷ་ཁང་།
Nyetang Drölma Temple is located in the Nyetangor Township in Chushül County of Lhasa. This temple was built by Jowo Jé Penden Atisha in the 11th century. After the passing of Jowo Jé Penden Atisha, Dromtönpa Gyelwé Jungné and Kaba Shakya Wangchuk expanded the temple. During the lifetime of Jowo Jé Penden Atisha, he lived here for a long time and wrote, as well as gave many teaching here. There are many statues inside this temple, including Tara and a Kadam Stupa that was imported from India. There is a temple named Kubum in the town surrounded by fields, half a kilometer south of the temple. The temple was initially built as a residence for Jowo Jé by Dromtönpa. In the temple are relic stupas of Jowo Jé and Sakya Lama Sönam Gyeltsen, and a realistic statue of Jowo. In the past there was a saying that across the river and among the bushes one can find Tsakusha. At present, the temple is renovated. In 1964, the government of Bangladesh - the birthplace of Jowo Jé - requested some of Jowo Jé’s ashes, and nowadays one can find his remains in Bangladesh as well.
མཉེས་ཐང་སྒྲོལ་མ་ལྷ་ཁང་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཆུ་ཤུལ་རྫོང་ཁོངས་ཀྱི་སྙེ་ཐང་འོར་བྱ་བའི་གྲོང་དུ་ཆགས་ཡོད་པ་དང་། ལྷ་ཁང་འདི་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཕྱག་བཏབ་པ་དང་། ཇོ་བོ་རྗེ་སྐུ་གཤེགས་རྗེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་སྐ་བ་ཤཱཀྱ་དབང་ཕྱུག་སོགས་ཀྱིས་རྒྱ་བསྐྱེད་གནང་བ་རེད། གནས་འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡུན་རིང་བཞུགས་ཏེ་རྩོམ་པའི་མཛད་པ་བསྐྱངས་པ་དང་བཀའ་ཆོས་མང་དུ་གསུངས་མྱོང་བ་དང་། གཙུག་ལག་ཁང་འདིའི་རྟེན་གྱི་གཙོ་བོར་ཇོ་བོ་རྗེའི་ཐུགས་དམ་གྱི་རྟེན་སྒྲོལ་མ་གསུང་བྱོན་མ་དང་ཇོ་བོ་རྗེས་རྒྱ་གར་ནས་གདན་དྲངས་པའི་བཀའ་གདམས་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་བཞུགས། ཡང་ལྷ་ཁང་དེ་ནས་ལྷོ་ངོས་སུ་སྤྱི་ལེ་ཕྱེད་ཙམ་ཞིང་དཀྱིལ་གྱི་གྲོང་དེར་སྐུ་འབུམ་ཞེས་པའི་ལྷ་ཁང་དེ་ཡོད། ལྷ་ཁང་དེ་ནི་ཐོག་མར་འབྲོམ་སྟོན་པས་ཇོ་བོ་རྗེའི་བཞུགས་གནས་སུ་བཞེངས་པ་དང་། དེའི་ནང་ཇོ་བོ་རྗེ་དང་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གདུང་རྟེན། ཇོ་བོ་ང་འདྲ་མའི་སྐུ་སོགས་བཞུགས་སུ་གསོལ་ཡོད། སྔོན་ཁུལ་དེའི་ཆུ་ཡུར་བརྒྱུད་འཚེར་མའི་གསེབ་ནས་རྩྭ་སྐུ་ཤའང་རྙེད་ཅེས་གསུང་སྲོལ་ཡོད། ད་ལྟ་ལྷ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་འབུམ་པ་གཉིས་པོ་ཉམས་གསོ་གནང་བ་མཇལ་རྒྱུ་ཡོད། ༡༩༦༤ལོར་ཇོ་བོ་རྗེའི་འཁྲུངས་ཡུལ་བྷ་གྷ་ལ་རྒྱལ་ཁབ་ཀྱིས་རེ་ཞུས་ལྟར་ཇོ་བོའི་གདུང་ཐལ་ཆ་ཤས་གནང་ཡོད་པས་ད་ལྟ་བྷ་གྷ་ལ་རྒྱལ་ཁབ་ཏུ་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད།
聂塘卓玛拉康位于西藏拉萨市曲水县的聂塘俄乡内。这座寺院有具德阿底侠建于公元11世纪。具德阿底侠逝世后,种·杰瓦穷乃及噶瓦·释迦旺秀等人扩大了这座寺院。具德阿底侠从前长期居住在这里并从事著述,还讲过很多经教。这座寺院的主佛有白度母和从印度迎请来的噶当塔等许多佛像。这庙以南半公里处, 在田地围绕的镇上有一座寺庙叫库本。这座寺庙最初是种敦巴为觉沃杰的住处而建造的。次寺庙里有觉沃杰和萨迦喇嘛索南加参的灵塔,以及觉沃杰的现实代表性的雕像。过去有一种说法,隔着河,在灌木丛中,可以找到察库沙。目前,作为修葺一新的寺庙,可以找到两座修葺的灵塔。1964年,觉沃杰的出生地孟加拉国政府要求送一些觉沃杰的骨灰,现在人们也可以在孟加拉国找到觉沃杰的骨灰。
Images in this subcollection
Owner
Than GroveAccessibility
Parent Collection
Members
* denotes that this member is inherited from a parent collection